R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༢ན
[A:༥༣༢ན]ཚོགས་དངོས་གྲུབ་མ། ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་
(ན)
སློབ་དཔོན་ནཱ་རོ་པས་མཛད་པའི་གསང་བའི་མན་ངག་ཆགས་པའི་རྡོ་རྗེའི་སྐོར་ནས་རྒྱུད་ཀྱི་བསྡུས་དོན་རྣམ་པར་བཤད་པོའི་མཐའ་ཅན། ཚོགས་བདག་ཁྲོ་བོ་སྤྲེའུ་ལྟར་སྒྲུབ་པ་བླ་མ་གསེར་གླིང་པས་མཛད་པ། སྤྲེའུ་ལྟར་སྒྲུབ་པའི་ཚོགས་ཀྱི་བདག་པོ་གསང་སྒྲུབ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་ཟབ་པ། ཚོགས་བདག་གི་གཏེར་མ་ས་མཱཔྟའི་མཐའ་ཅན། གསོལ་གདབ་མི་འགྱུར་བཀོད་པ། ཞར་བྱུང་སྤྱན་འདྲེན་རི་རབ་མ་དང་བཅས་པ། ཆགས་པ་རྡོ་རྗེའི་ཞལ་གདམས་ཚིགས་གཉིས་མ། སྔགས་འབུམ་གྱི་གདམས་པ་ལུང་ཡོད་མེད་དཔྱད། ག་ཎ་པ་ཏིའི་སྤྲེའུའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། ཚོགས་བདག་སྲོག་སྒྲུབ་ཅེས་པ་བསྙེན་པ་བླ་རྡོ་གནད་དབབ་དང་བཅས་པ་ག་ལྔ་མར་གྲགས་པ་བླ་མའི་ཞལ་ལས་རྙེད་པའི་གདམས་པ། མགོར། སྔགས་གཞན་གཉིས་པོ་འདི་གོང་མ་གཙིགས་ཆེ་ཞེས་ཡོད་པའི་སྤྲེའུའི་ཞལ་གདམས་བསམ་གཏན་གླིང་པས་མཛད་པ། ཐུགས་དམ་མ་ཉམས་སོའི་མཐའ་ཅན། ཨ་མོ་གྷས་མཛད་པའི་སྐོར་ལ། ལ་དུ་འཆོས་ཐབས། རྗེ་མཁྱེན་བརྩེའི་གསན་ཡིག་ན་