[A:༥༣༢བ]འདི་འོག་ཏུ་བཙུན་སྔགས་ཟེར་བ་ལོགས་སུ་མ་རྙེད། ཟན་ནམ་ཆན་ལ་གཏོར་མ་བྲེ་གང་ཡན་ཆད་བཟང་བར་བྱས་ཏེ། ཞེས་པ་མགོར་ཡོད་པའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། མགོར། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ།། དེ་ལ་འདི་སྒྲུབ་པར་འདོད་པས། ཞེས་ཡོད་པའི་སྒྲུབ་ཐབས། དབུ་ཤར་དུ་བལྟ་བ་ཡིན་གསུངས་པའི་མཐའ་ཅན། མགོར། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོའི་གཟུངས་ལ་ཕྱག་འཚལ་ལོ།། ཞེས་ཡོད་པའི་བསྟོད་པ། བཞེས་སུ་གསོལ་གྱི་མཐའ་ཅན། མགོར། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་ལོངས་སྤྱོད་བརྟག་དཀའ་བ། ཞེས་ཡོད་པའི་སྒྲུབ་ཐབས། ཐོས་པར་འགྱུར་རོའི་མཐའ་ཅན། མིག་མཐོང་གི་གདམས་པ་རྣམས་སོ། །
༈ རྗེ་བཙུན་ས་སྐྱ་པའི་གསེར་ཆོས་དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེའི་རྗེས་གནང་མ་ནོར་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ཚོགས་བདག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཆགས་པའི་རྡོ་རྗེར་གྲགས་པ་གཙོ་འཁོར་བཞི་པའི་ལོ་རྒྱུས་རྗེས་གནང་མགོར། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཚོགས་ཀྱི་བདག་པོའི་ལོ་རྒྱུས་ནི།