R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༤བ
[A:༥༣༤བ]གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ།
རྡོ་རྗེ་གདན་པ་དང་། ཐར་རྩེ་པ་དང་། སངས་རྒྱས་ཕུན་ཚོགས་རྣམས་གྱི་(ཀྱི)གསན་ཡིག་ན་འདི་ལྟར་ཡོད་ཀྱི། མཁྱེན་བརྩེ་དང་། རྒྱལ་དབང་ལྔ་པ། རྨོར་ཆེན་རྣམས་ཀྱི་གསན་ཡིན་ན་ས་པཎ་དང་། འདིའི་བར་ན་འཕགས་པ་རིན་པོ་ཆེ་བཞུགས་པའང་འདུག །
རིན་པོ་ཆེ་སྐྱོབ་པ་དཔལ་བཟང་པོ། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །འདྲེན་མཆོག་རཏྣ་ཝརྡྷ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མུས་ཆེན་ནམ་མཁའ་དཔལ་བཟང། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་གནས་གསར་བ་ཆེན་པོ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་