R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༤ན
[A:༥༣༤ན]རིས་སྐོར་ལ། སྒྲུབ་པའི་མཎྡལ། དམར་ཆེན་དང་དམར་ཆུང་གི་གཏོར་དཔེ། བསེ་གདོང་ཅན་གྱི་ལིངྒ་གཿ བརྒྱད་འཁོར་ལོ་འདི་ལ་འཕགས་པའི་སྐུ་སྲུང་དང་། གོང་མའི་ཡིག་རྙིང་གི་ལུགས་སྲོལ་གཉིས་ཙམ། གསང་བ་སྙིང་གི་འཁོར་ལོའི་ལས་བཞི་སྒྲུབ་པའི་གནམ་ས་བར་གསུམ་གྱི་འཁོར་ལོ་བཅུ་གཉིས། ཚར་ཆེན་གྱི་སྐུ་སྲུང་ལ་རྒྱས་པའི་སྟེང་འཁོར་གྱི་ཡི་གེ་མ་ལོག་པ་དང་། འཇམ་དབྱངས་ཆེན་པོའི་སྐུ་སྲུང་ལ་དྲག་པོའི་སྟེང་འཁོར་གྱི་ཡི་གེ་མ་ལོགས་པ་སོགས་གོང་མའི་གསུང་རྒྱུན་སྐུ་སྲུང་སོགས་ཀྱི་ཟབ་གནད་མང་པོར་སྣང་ངོ། རྒྱས་པའི་བར་འཁོར་གྱི་ལྟེ་བར་འབྲི་རྒྱུའི་ནོར་བུ་མིག་གསུམ། ཐབས་གཏེར་གྱི་དངོས་གྲུབ་མྱུར་དུ་བླང་འཁོར། ཚོགས་བདག་དང་ཙ་ཙི་ཀ་ཞལ་སྦྱོར་གྱི་ཐབས་དང་། མཛོད་ཀྱི་འཁོར་ལོ་རྣམས་ཀྱི་དབང་ལུང་ཕྱག་ལེན་མན་ངག་རྣམས་ལེགས་པར་ནོས་པ་ལས། ཐོག་མར་ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཆང། རྗེ་བཙུན་རྡོ་རྗེ་ཕག་མོ། གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ། ཧང་དུ་དཀར་པོ།
གསན་(མི་གསལ་)མ་རྣམས་སུ་སུ་ཧུང་ཀ་ར་ཞེས་སྣང།
མལ་ལོ་བློ་གྲོས་