R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༥བ
[A:༥༣༥བ]བ་ཆེན་པོ། ས་ཆེན་ཀུན་བློ། ཆོས་རྗེ་རིན་ཆེན་རྒྱལ་མཚན། མཁས་དབང་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་སྲས་ངག་དབང་རྡོ་རྗེ་རིན་ཆེན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ་སོགས་གོང་དང་འདྲའོ། ། ༈ ཚོགས་བདག་ཁྱད་པར་བའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་དབང་རབ་ཡན་ཐུན་མོང་མ་ཡིན་པ་དང་འདྲ། དེ་ནས། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང། གནས་གསར་བ། ཀུན་བློ། རིན་ཆེན་རྒྱལ་མཚན། སྔགས་འཆང་ཀུན་བཀྲས། དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན་ནོ། །གོང་གསལ་རྗེས་གནང་སྒྲུབ་བཏུས་ནང་ཡོད་པ་རྣམས་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་སྙིང་པོ་ལས་ཞུས་པས་དེ་འཇུག་དགོས། ༈ ལུང་ལ་རྩ་བའི་ཡི་གེ་དང་། གསལ་བྱེད་ལྷན་ཐབས་ཀྱི་ཡི་གེ་དང་། གསང་སྒྲུབ་སྐོར་
(ང་)
རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཀུན་བློ་ཡན་ཚར་ལུགས་ཐུན་མོང་མ་ཡིན་