R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༦ན
[A:༥༣༦ན]པའི་རྗེས་གནང་གི་བརྒྱུད་པ་དང་འདྲ། དེ་ནས། པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་འཇམ་དཔལ་རྡོ་རྗེ་རིན་ཆེན་དང་། པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་གཉིས། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། །
(ཨེ)
རྟགས་ཅན་གྱི་བརྒྱུད་པ་ནི། ཀུན་བློ་ཡན་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་དང་འདྲ། དེ་མན་ཆད་བཤད་མ་ཐག་པ་ལྟར་རོ། །
(ཀློང་)
རྟགས་ཅན་རྣམས་ཀུན་མཁྱེན་ཀློང་ཆེན་པ་ནས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རིན་ཆེན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་རྡོ་རྗེ་སེང་གེ། བཀའ་བཅུ་པ་པུཎྱ་སིདྷ། རྗེ་བློ་གྲོས་སེང་གེ། རྡོ་རིངས་པ་མན་འདྲ།
(མཾ)
རྟགས་ཅན་རྣམས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། བསོད་
རྟགས་ཅན་རྣམས་ཀྱི་བརྒྱུད་པ་དབང་ཕྱུག་རབ་བརྟན་ནས། ངག་དབང་ཆོས་གྲགས། ས་སྐྱ་པ་ཀུན་དགའ་བསོད་ནམས་དབང་ཕྱུག ཀུན་དགའ་བཀྲ་ཤིས། རྨོར་ཆེན་མན་འདྲ།