R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༦བ
[A:༥༣༦བ]ནམས་ལྷའི་དབང་པོ། དཔལ་ལྡན་རྒྱལ་མཚན། རྗེ་ཕྲིན་ལས་པ། ཚར་ཆེན་མན་འདྲ།
(བློ)
རྟགས་ཅན་རྣམས་ངོར་ལུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང་འདྲ། ནཱ་ནོ་པའི་གསང་སྒྲུབ་ས་བཅད་དྲུག་པ།
(ན)
རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ནཱ་རོ་པ། ཕམ་མཐིང་པ། མལ་ལོ། ས་ཆེན་མན་འདྲ། ས་བཅད་གསུམ་པ་ཌོམྦྷི་ལུགས་ཀྱི་བརྒྱུད་པ་ནི། ཌོམྦྷི་པ། ཛྙ་ན་པཉྩ། ཀྲ�་ཥྟ་པ། བི་ན་སུ་ཀ། དྷརྨཱ་སཾས། སུ་ཁ་པ་ཏི། རྡོ་རྗེ་གདན། ཁྲོ་ཕུ་ལོ་ཆེན། སངས་རྒྱས་ཞིག་པོ། སངས་རྒྱས་འབུམ། བླ་མ་འབན་སྟོན། བླ་མ་རྡོ་རྗེ་སེང་གེ། བཀའ་བཅུ་པ་བསོད་ནམས་སེང་གེ། བླ་མ་བློ་གྲོས་སེང་གེ །རྡོ་རིངས་མན་འདྲ། ཚོགས་བདག་ཆགས་པའི་རྡོ་རྗེའི་རྗེས་གནང་གི་བརྒྱུད་པ་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི། རྒྱལ་པོ་གྲགས་པ། བྷོ་དྷི་ཨ་ཀ་ར། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རཏྣ་ཨ་ཀ་ར་ཤཱནྟི། ཇོ་བོ་ཨ་ཏི་ཤ། རྒྱ་བརྩོན་འགྲུས་སེང་གེ། གྲུབ་ཐོབ་ཤོལ་པ་བ། སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚང་པ་ཚུལ་ཁྲིམས་རྒྱལ་མཚན། སྣར་ཐང་པ་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་