R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༨བ
[A:༥༣༨བ]རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ། ས་ཆེན་ཀུན་བློ། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། མཁན་ཆེན་གཞན་ཕན་སྙིང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། ། ས་བཅད་ལྔ་པ། གསང་སྒྲུབ་གསེར་ཆོས་ཀྱི་ལུང་གི་བརྒྱུད་པ་ནི། ཡར་ཀླུང་པ་ཁུ་དབོན་ནས། བླ་མ་དགེ་སྦྱངས་པ། དུང་གཟིམས་ཁང་དབོན་པོ། རྗེ་རཏྣ་བྷ་དྲ། ཚར་ཆེན་རྡོ་རྗེ་འཆང་མན་འདྲ། རྟགས་ཡོད་མེད་ལ་མ་ལྟོས་པའི་ཚོགས་བདག་སྐོར་ལ་ས་བཅད་ལྔ་པ་ཡན་ཆད་ཡོངས་རྫོགས་ཀྱི་ལུང་བརྒྱུད་ནི། མཁྱེན་བརྩེ་ཡན་ཚར་ཆེན་བརྒྱུད་པར་བཞུགས་སོ་ཅོག་ལྟར་ལ། དེ་ནས་དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། ཀུན་དགའ་བཀྲ་ཤིས། རྨོར་ཆེན་རྡོ་རྗེ་འཆང། གནས་གསར་བ། ཀུན་བློ།