R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༩ མདུན
[A:༥༣༩ མདུན ]པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་འཇམ་དཔལ་རྡོ་རྗེ་རིན་ཆེན་དང་། དཀོན་མཆོག་བསྟན་པ་རབ་རྒྱས། དེ་གཉིས་ཀ་ལས་འཇམ་དབྱངས་བླ་མ། དེ་ལས་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལའོ། ། ས་བཅད་དྲུག་པ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སྔགས་འཆང་ཀུན་དགའ་རིན་ཆེན་ནས། འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། ། དཔལ་ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་དང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད། པདྨ་ཧེ་རུ་ཀའི་དབང་དུ་བསྡུ་བའི་ལེའུ་སོགས་ནས་བསྟན་པའི་ཁྲོ་བོ་བཀག་ཆོལ་འདོད་པའི་རྒྱལ་