R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༣ན
[A:༥༤༣ན]བྱ་འགུགས་པ་སོགས་བ་རི་ལོ་ཙཱ་བའི་གདམས་པ་དཔལ་ལྡན་ས་སྐྱ་པའི་ཞལ་གདམས་བོད་དུ་ཐོན་པའི་མན་ངག་འདི་ལས་ཟབ་པ་མེད་དོའི་མཐའ་ཅན། འཁོར་ལོའི་ཡི་གེ་ལ་གཏོར་མ་འབུལ་བའི་ཞལ་གདམས་
(བློ)
བླ་མ་ས་སྐྱ་པ་ཆེན་པོའི་ཕྱག་བཞེས། ཐལ་མོ་བརྡབ་པོ་Jའི་མཐའ་ཅན། གནོད་སྦྱིན་རིན་ཆེན་སྒྲུབ་པའི་ཨུ་པ་དེ་ཤ། མགོར། ཝཱ་ཤཾ་ཀུ་རུ་གྲོ་ག་མཛུབ་གང་བ་ཞིག་ལ་ཞེས་པའི་འཁོར་ལོ་མན་ངག་གསུང་ཚད་མ་གྲུ་བཞིར་བྱའོའི་མཐའ་ཅན། མགོར། གྲོ་ག་མཛུབ་གང་བ་ཞིག་ལ་ནང་སོར་བདུན་ཙམ་ཞེས་པའི་འཁོར་ལོའི་བྲི་ཐབས་སྦས་པའི་མན་ངག་བཟླས་ཚེ་སྦྲེལ་ནས་བཟླས་སོའི་མཐའ་ཅན། དབང་གི་ཙཀྲའི་ཞལ་གདམས་ནམ་མཁའ་མཛོད་ཀྱི་གདམས་པ་ཉུང་ངུ་ལས་འདུས་པ་ཁྱད་པར་འཕགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་གནད་བོད་དུ་བསྒྱུར་བའི་གདམས་ངག་ཟབ་པ་ནུས་པ་ཆུང་ངུ་མི་འགྲོ་བའི་གནད་ཡིན་ནོའི་མཐའ་ཅན། མགོར། ཡར་གྱི་ཚེས་བརྒྱད་ལ་རྗེས་གནང་ཞུའོ། ། ཞེས་ཡོད་པའི་