[A:༥༤༢བ]བ། འགུགས་པ། ནོར་རྒྱས་པ། གནོད་སྦྱིན་མོ་སྒྲུབ་པ། རིགས་བྱེད་མས་འགུགས་པ། བུ་མོ་དབང་དུ་བྱེད་པ། གནོད་སྦྱིན་མོས་ནོར་འགུགས་པ། ཐམས་ཅད་དབང་དུ་བྱེད་པ། བྲན་དུ་འགྱུར་བ། འབྲུ་འཕེལ་བ། བང་མཛོད་མི་ཟད་པ། སྔར་མ་མཐོང་བའི་བུད་མེད་དང་། རྒྱལ་པོའི་བཙུན་མོ་འགུགས་པ། བལྟས་པ། བྱིན་པ། རྒྱལ་པོ། རེག་པས་དབང་དུ་འགྱུར། མི་འབྲལ་བ། རྒྱལ་པོ་དབང་དུ་བྱེད་པ། ཌཱ་ཀི་ཐམས་ཅད་འོང་བ་ལ་སོགས་པ་ལས་ཕྲན་ཚེགས་བསྟན་པའི་སྐོར་མཆོག་ཡིན་ནོའི་མཐའ་ཅན། དབང་གི་སྦྱིན་སྲེག་ལག་ལེན་བླ་མ་ས་སྐྱ་པ་ཆེན་པོའི་ཕྱག་བཞེས། སྐུ་གསུང་ཐུགས་ཀྱི་རབ་གནས་ཀྱི་ཟིན་བྲིས་མས་ཀྱི་ཟིན་བྲིས། ཙཀྲའི་རབ་གནས་བྱ་ཐབས་བ་རི་ལོ་ཙཱ་བའི་མན་ངག། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བསྡུས་པ་བར་ཆད་མི་འབྱུང་ཞིང་ལས་མྱུར་བ་ཡིན་གསུངས་པའི་མཐའ་ཅན། ཌཱཀི་མས་འགྲོ་བ་དབང་སྡུད་ཀྱི་གདམས་པ་ཞེས་པ་དབང་དྲག་གི་མན་ངག་ཞལ་གདམས་བྱིན་རླབས་དང་བཅས་པ་གནང་ངོའི་མཐའ་ཅན། མགོར། ན་མོ་བུ་དྷ་ཨ་མོ་གྷ་སིདྔྷི་ཞེས་ཡོད་པའི་འཁོར་ལོས་བསྒྲུབ་