R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༤ན
[A:༥༤༤ན]ཟ་བར་བྱེད་དོའི་མཐའ་ཅན། དེའི་ཡི་གེ་མཆན་བུ་དང་བཅས་པ་བར་དུ་གཅོད་པ་རྣམས་སྲུངས་ཤིག་གི་མཐའ་ཅན། མན་ངག་འདིའི་མཇུག་ཏུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས། གྲུབ་པའི་དབང་ཕྱུག་ས་སྐྱ་པའི། །དབང་སྡུད་མན་ངག་ཁྱད་པར་ཅན། །སྙན་བརྒྱུད་ཞལ་གདམས་མ་གཏོགས་པ། །ཐུན་མོང་ཆོས་སྐོར་ཚང་མར་བཞུགས། །སྣོད་ལྡན་སློབ་མ་འགའ་ཞིག་ལས། །གཞན་ལ་རྒྱ་ཆེར་སྤེལ་མི་བྱ། །རྡོ་རྗེ་ལྟ་བུར་རྟོགས་དཀའ་ཞིང། །རྟོགས་ན་ཡིད་བཞིན་ནོར་འདྲའི་ཆོས། །དེས་ན་འདི་ལྟའི་ཟབ་དོན་ལ། །མཁས་པས་གཅེས་སྤྲས་བྱ་བར་རིགས། །ཞེས་གསུངས་པ་ལྟར། ཤིན་ཏུ་ཟབ་ཅིང་དཀོན་པའི་ཆོས་འདི་སྙིང་གི་ཐིག་ལེར་འཆང་བར་འོས་སོ། ། ༈ གཉིས་པ་ཐུན་མོང་མ་ཡིན་པའི་སྐོར་ལ། ཁམས་གསུམ་འགྲོ་བ་དབང་བྱེད་བཀག་ཆོལ་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་
(བློ)
མཁས་པ་ཡོན་ཏན་ཁྲིས་མཛད་པ། དབང་སྡུད་བཀག་ཆོལ་མའི་ཨཱ་ལི་ཀཱ་ལིའི་སྔགས་རིང་འབྲི་བཟླས་ཀྱི་མན་ངག །
(བློ)
ས་སྐྱ་པཎྜི་ཏས་དག་ཅིང་གསལ་བར་མཛད་པ། བཀག་ཆོལ་ཆེན་མོའི་རྩ་བའི་ཐོ་ཡིག་བརྗེད་བྱང་