R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༤བ
[A:༥༤༤བ]ཙམ་དུ་ཤྲཱི་ཨ་ནནྟ་གརྦྷས་མཛད་པ། དེས་མཛད་པའི་དེའི་འགྲེལ་པ་སྦས་པ་མིག་འབྱེད་པའི་གསེར་གྱི་ཐུར་མ་འཁོར་ལོའི་རབ་གནས་བྱ་བའི་མན་ངག་ཞལ་གདམས་དང་བཅས་པ་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། དེས་མཛད་པའི་ཡུམ་བདེ་བ་རྒྱས་བྱེད་མའི་སྐུ་ལ་བརྟེན་
(བློ)
པའི་དབང་གི་ནང་སྒྲུབ་ཟབ་མོ། གསང་སྒྲུབ་ཐ་ཆེན་གྱི་ཙཀྲའི་མན་ངག །
(བློ)
རྗེ་བཙུན་གྱིས་མཛད་པ། དེས་མཛད་པའི་གནད་འབེབས་
(བློ)
ཉི་ཟླའི་འཁོར་ལོའི་གདམས་པ། མཁའ་འགྲོའི་སྤོགས་ཆོག་གི་གནད་ལ་དབབ་པའི་
(བློ)
མན་ངག་ས་པཎྜི་ཏས་རྒྱས་པར་བཀོད་པ། ཡུལ་བདག་དབང་དུ་བྱ་བའི་ཞལ་གདམས་བ་རིའི་མན་ངག་
(བློ)
རྗེ་ས་སྐྱ་པའི་གསུང། སྦྱིན་སྲེག་བྱ་བའི་མན་ངག །
(བློ)
བླ་མའི་ཞལ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་དམ་པ་ས་ཆེན་གྱི་གསུང་བཞིན་དཔལ་ལྡན་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པའོའི་མཐའ་ཅན། མགོར། བཟླས་པའི་སྔགས་ཀྱི་མན་ངག་ནི། ཞེས་ཡོད་པའི་སྔགས་ཀྱི་འབྱིན་འཇུག་གི་ཡི་གེ་ལས་དེ་གཞན་དུ་འགྱུར་བའི་ཕྱི་རོའི་མཐའ་ཅན། གསལ་བྱེད་ཉི་མའི་འཁོར་ལོའི་བསྡུས་དོན་རང་སྲུང་ལས་བཞིའི་གདམས་པའོའི་མཐའ་