R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༦བ
[A:༥༤༦བ]མཁའ་འགྲོ་མའི་རྫས་སྒྲུབ་བཤེས་གཉེན་བདེ་བའི་རྡོ་རྗེས་བླ་མ་ས་སྐྱ་པ་ཆེན་པོ་ལ་ཞུས་པ། ཁྱད་པར་གནད་ཀྱི་གདམས་པའོའི་མཐའ་ཅན། དེའི་གསལ་བྱེད་མགོར། མཁའ་འགྲོ་བདེ་བ་རྒྱས་བྱེད་ཀྱི་སྐུ། ཞེས་ཡོད་པའི་ཞང་བཙུན་པག་ཐང་པའི་གདམས་པའོའི་མཐའ་ཅན། ཕྲིན་ལས་མྱུར་དུ་འགྲུབ་པ་དབང་གི་རླུང་འཁོར་དང་།
(བློ)
རླུང་ལྷ་ལས་ལ་གཞུག་པ་སོགས་གབ་པའི་མན་ངག་ས་སྐྱ་པའི་ཞལ་གདམས། མགོར། དཔལ་འཁོར་ལོ་བདེ་མཆོག་དང་། ཞེས་ཡོད་པའི་ཨའི་གདམས་པ་ཟུར་གཅིག་འབྲི་བ་ལ་ཨཱ་ལི་གནད་ཀྱི་གདམས་པ་རིན་པོ་ཆེ་ཡིད་བཞིན་ནོར་བུ་འདི་བླ་མའི་བཀའ་རྒྱ་ཟབ་མོའི་མཐའ་ཅན། དེའི་ཞལ་ཤེས་མགོར། སྤྱིར་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཞེས་ཡོད་པའི། དབང་གི་གདམས་པའོའི་མཐའ་ཅན། ཨཱ་ལིའི་སྦྱིན་སྲེག་གཤིན་གྱི་ལུགས། རྗེས་ཆེན་དང་འགྲོ་མགོན་ཕག་མོ་གྲུ་པ་གཉིས་ཀྱིས་ཞུ་བ་ཞུས་ལེན་
(བློ)
ཨཱ་ལི་ཀཱ་ལིའི་ལས་སྣ་ཚོགས་ལ་འཇུག་པ་ཞེས་པའི་གདམས་པ་ལེའུ་ཉེར་བརྒྱད་པ། འདོད་རྒྱལ་ཡབ་ཡུམ་སྦགས་ཏེ་