R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༧ན
[A:༥༤༧ན]སྒྲུབ་པའི་མན་ངག་ལག་ལེན་དུ་དྲིལ་བའི་ནག་པོ་འགྲོ་ཤེས་བཤེས་གཉེན་བྲ་བོ་རིན་ཆེན་ཕན་གྱི་དོན་དུ་སྔགས་འཆང་རྒྱལ་པོ་དཔལ་གྱིས་མཛད་པ། དེའི་ཞལ་ཤེས་དེ་ཉིད་ཀྱིས་མཛད་པའི་ས་སྐྱ་པའི་གདམས་པ་ཁྱད་པར་འཕགས་པ་འཛམ་གླིང་གསེར་གྱིས་བཀང་བ་ལས་ཆེས་ཆེར་དགའ་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟུར་འདེབས་འཇམ་དབྱངས་མགོན་པོས་མཛད་པ། དབང་སྡུད་ལས་ཀྱི་འཁོར་ལོའི་འགྲེལ་པ་
(བློ)
འགྲོ་བའི་སྲོག་སྙིང་འགུགས་པའི་ལྕགས་ཀྱུ་རྫོགས་བྱང་གི་མཐའ་ཅན། མགོར། ན་མོ་གུ་རུ། འདི་སྒྲུབ་པའི་དུས་སུ་ཞེས་ཡོད་པའི་བ་རི་བའི་ཞལ་གདམས། རྗེ་ས་སྐྱ་པའི་གདམས་པའོའི་མཐའ་ཅན། ཁྱད་པར་གྱི་སྒྲུབ་ཐབས་ནོར་བུ་གསལ་འབར་སྙིང་གི་ཐིག་ལེའི་དྭངས་མ་དྲུང་ནམ་མཁའ་བཟང་པོས་བསྐུལ་ནས་རིན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས་ཀྱི་གསུང་ལས་སྐྱེས་པའི་རིག་པ་འཛིན་པ་རི་ཁྲོད་དབང་པོས་བསམ་གཏན་གླིང་དུ་མཛད་པ། མཁན་ཆེན་ངག་དབང་ཆོས་གྲགས་གསན་ཡིག་ན་བསམ་གཏན་གླིང་པ་དཔལ་ལྡན་བཟང་པོས་མཛད་ཅེས་སྣང། འདིར་གསེར་ཆོས་ཤིག་ཏུ་ཟབ་པའི་ཆིག་བརྒྱུད་དུས་གཅིག་ལ་སློབ་མ་གཅིག་ལས་མི་སྟོན་པའི་བཀའ་རྒྱ་ཅན་ཡིན་ཏེ། བདག་ཆེནན་རྡོ་