[A:༥༤བ]ངོའི་མཐའ་ཅན། ནཱ་རོ་ཏ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་སྙིང་དང་འདྲ་བའི་གདམས་ངག་ཨི་ཐིའི་མཐའ་ཅན། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། དེའི་དབང་བཞི་སྟན་ཐོག་གཅིག་ཏུ་བླང་ཚུལ་གྲགས་པས་མཛད་པ། ཤཱནྟི་པའི་མདོ་རྒྱུད་བསྲེ་བ་སྙིང་པོའི་དོན་རང་འགྲེལ་དུ་གྲགས་པ།
གསུམ་པ་ཞར་བྱུང་ཁ་སྐོང་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྐོར་ལ། ལམ་འབྲས་བུ་དང་བཅས་པའི་བཤད་ཐབས་གསང་བའི་སྒོ་འབྱེད། རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར། རྒྱུ་དུས་ཀྱི་དབང་བཞིའི་རྟོགས་པ་བསྐྱེད་པ། བིར་སྲུང་གི་མན་ངག་བར་ཆད་ཀུན་སེལ། བིརྺ་པའི་སྐུའི་རྣམ་འགྱུར་དྲུག་གི་དབྱེ་བ། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ། བིར་སྲུང་ཐུན་མོང་མ་ཡིན་པའི་ཉམས་ལེན། བིར་སྲུང་གསར་མ་སྲུང་ཟློག་གི་གདམས་པ་ཁྱད་པར་ཅན་རྣམས་ལས། འོག་ཏུ་སོ་སོའི་བརྒྱུད་པ་དམིགས་བསལ་ཡོད་པ་རྣམས་མ་གཏོགས་གཞན་ཚང་མའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་པོད་སེར་ལྟར་ལ། དེ་ནས་མུས་ཆེན་སེམས་དཔའ་