R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤ན
[A:༥༤ན]བིར་སྲུང་འཕགས་པས་མཛད་པ། དེའི་ལུང་ལེན་ཚུལ། མགོར། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ནས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ཞེས་ཡོད་པའི་རྣམ་འཇོམས་བིར་ལུགས་བྱིན་རླབས་བྱ་ཚུལ་བར་མ་ཆད་དོའི་མཐའ་ཅན། རྣམ་འཇོམས་ཀྱི་གཟུངས་ལ་ས་པཎ་གྱིས་མཆན་བུ་མཛད་པ། དེའི་གསལ་བྱེད་ས་པཎ་གྱིས་མཛད་པའི་རྣམ་བཤད་བདུད་རྩི་སྤེལ་བ། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་དོན་ཉམས་སུ་བླང་བའི་ཆོ་ག་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། ཚར་གསུམ་ཁུག་པའི་མན་ངག་རྗེ་བཙུན་ཆེན་པོས་གཙང་ཁ་དགོན་པར་མཛད་པ། མགོར། ཡི་གེ་བརྒྱ་པ་ཕྱིར་ཟློག་ཏུ་འགྲོ་བ་དང་ཞེས་ཡོད་པའི་ཡིག་བརྒྱའི་མན་ངག །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། ཞེས་བརྗོད་དོའི་མཐའ་ཅན། འབྲོག་ལོས་པཎྜི་ཏ་དྲུག་ལས་ཆོས་རེ་གསན་པར་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལ། ཤེས་རབ་འབྱུང་གནས་སྦས་པའི་གདོན། ཛྙ་ན་ཤྲཱིའི་ལུས་འཁྲུགས། རིན་ཆེན་རྡོ་རྗེའི་སེམས་ཀྱི་བར་ཆད་བསྲུང་བ་གསུམ་ཆོས་ཚན་གཅིག་ཏུ་བྱས་པ་བློ་དམན་ལ་གསང་