[A:༥༦༠ན]བྲིས་ཕོ་འཁོར་མོ་འཁོར་གཉིས། བརྒྱད་པ་ལ། ནོར་བུ་གསལ་འབར་ནས་གསུངས་པའི་མཎྜལ། བསྙེན་སྒྲུབ་ལས་གསུམ་ཡི་གེ་བསྡུས་པའི་མཎྜལ། ནོར་བུ་གསལ་འབར་ནས་གསུངས་པའི་མོ་འཁོར་ཐུགས་རྩིགས་མ། དགུ་པ་ལ། འདོད་རྒྱལ་དྲག་པོའི་འཁོར་ལོ་གཉིས། གསང་སྔགས་སྒྲའི་རྗེས་གནང་གི་མཎྜལ། བཅུ་པ་ལ། འདོད་རྒྱལ་སྒྲུབ་པའི་མཎྜལ། སྦས་པ་མིག་འབྱེད་གསེར་ཐུར་ནས་གསུངས་པའི་མཎྜལ་གཅེས་འཁོར། ཌཱ་ཀི་མའི་གདམས་པ་ལས་བྱུང་བའི་མཎྜལ། བཅུ་གཅིག་པར། ནོར་བུ་གསལ་འབར་ནས་གསུངས་པའི་ཕྱི་སྒྲུབ་ཆེན་མོའི་མོ་འཁོར། བཅུ་གཉིས་པར། ཕྱི་སྒྲུབ་མོ་འཁོར། བཅུ་གསུམ་པར། སྒྲུབ་ཐབས་ནག་པོ་འགྲོ་ཤེས་རྒྱལ་པོ་དཔལ་གྱིས་མཛད་པའི་མཎྜལ། སྦོགས་ཆོག་ཉི་མའི་འཁོར་ལོ་ལྷག་པོ། བཅུ་བཞི་པར། སྦས་པ་མིག་འབྱེད་གསེར་ཐུར་ནས་གསུངས་པའི་ཕྱི་སྒྲུབ་ཆེན་མོ་ཁ་བསྒྱུར་གྱི་ཞི་བའི་ལྟེ་བ། བཅོ་ལྔ་པར། སྦས་པ་མིག་འབྱེད་གསེར་ཐུར་གྱི་དགོངས་དོན་ཞི་བའི་འཁོར་ལོ་ལུགས་གཅིག། བཅུ་དྲུག་པར། སྦས་པ་མིག་