R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༩བ
[A:༥༥༩བ]བཅུ་བཞི་པ། རྒྱས་པའི་བར་འཁོར། བཅོ་ལྔ་པ། ཞི་བའི་བར་འཁོར། བཅུ་དྲུག་པ། དབང་གི་བར་འཁོར། བཅུ་བདུན་པ། དྲག་པོའི་འཁོར་ལོ། བཅོ་བརྒྱད་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་སྲུང་འདྲ་བཤུས་གཿབརྒྱད་འཁོར་ལོ། བཅུ་དགུ་པ། དཔལ་ཚོགས་ཀྱི་བདག་པོས་དངོས་གྲུབ་བླངས་ཞལ་བུའི་འཁོར་ལོ། ཉི་ཤུ་པ། ཚོགས་བདག་དབང་གི་སྦྱིན་སྲེག་གི་ཐབ། ཐབ་གཏེར། རྒྱས་པའི་སྦྱིན་སྲེག་གི་ཐབ། ཚོགས་ཀྱི་བདག་པོའི་གཤོམ་གྱི་དཔེའུ་རིས་བཅས་སོ། །ཁམས་གསུམ་དབང་སྡུད་འདོད་པའི་རྒྱལ་པོའི་དཔེའུ་རིས་ལྡེབ་ཞེ་གསུམ་བཞུགས་པའི་དང་པོར་ཁམས་གསུམ་དབང་སྡུད་འདོད་པའི་རྒྱལ་པོའི་རླུང་འཁོར་གཡབ་འཁོར། གཉིས་པ་ལ། འདོད་རྒྱལ་རླུང་འཁོར་བར་འཁོར་དང་། མེ་ལོང་བྲི་བའི་འཁོར་ལོ། གསུམ་པ་ལ། འདོད་རྒྱལ་རླུང་འཁོར། བཞི་པ་ལ། ཕོ་མོ་མེ་ལོང་འཁོར་ལོ། ལྔ་པ་ལ། ཐ་བོ་ཆེའི་འཁོར་ལོ། དྲུག་པ་ལ། ཕག་གྲུ་པས་བཞེད་པའི་ཟླ་འཁོར། ནོར་བུ་གསལ་འབར་ནས་བཤད་པའི་ཕོ་འཁོར་ཐུགས་རྩིགས་མ། བདུན་པ་ལ། སྔགས་འཆང་གཞོན་ནུ་སྟོབས་ལྡན་གྱི་ཕྱག་