R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༡ན
[A:༥༦༡ན]འབེབས་ཉི་ཟླའི་འཁོར་ལོ་གསུམ་ཞེས་པའི་ནང་གཉིས་པ་ཉེ་འཁོར། ཉེར་བརྒྱད་པར། གནད་འཁོར་བཞི་ཡོད་པའི་གཉིས་པ་ཕག་གྲུ་པ་དང་ཕལ་ཆེར་མཐུན་པ། ཉེར་དགུ་པར། སྦོགས་ཆོག་འཁོར་ལོའི་བྲིས་རྒྱུན་མ་དག་པ། སུམ་ཅུ་པར། ནོར་བུ་གསལ་འབར་ནས་གསུངས་པའི་སྦོགས་ཆོག་འཁོར་ལོ་གཉིས་ཕྱག་གཉིས་ཐུགས་རྩིགས་མའོ། སོ་གཅིག་པར། གནད་འབེབས་ཉི་ཟླའི་འཁོར་ལོ་མི་འདྲ་བ་གསུམ་གསུངས་པའི་གསུམ་པའི་ཉེ་འཁོར། སོ་གཉིས་པར། མལ་འོག་ཏུ་འཇུག་རྒྱུའི་གསང་འཁོར་ལུགས་གཅིག། སོ་གསུམ་པར། སྦོགས་ཆོག་མ་དག་ཐེབ་གཅིག། ཕག་གྲུ་པ་སོགས་བཞེད་པའི་གནད་འབེབས་མི་འདྲ་བ་གསུམ་གྱི་གཉིས་པ་ཟླ་འཁོར། དྲག་པོའི་འཁོར་ལོ་བྲི་ཚུལ་ནོར་བ། གནད་འབེབས་ཉི་ཟླའི་འཁོར་ལོ་བྲི་ཚུལ་མི་འདྲ་བ་གསུམ་པ་ཟླ་འཁོར་བཅས། སོ་བཞི་པར། དཔལ་དབང་སྡུད་ལས་ཀྱི་འཁོར་ལོ་ཞེས་བཤད་པ་དེང་སང་རྒྱུག་ཆུང་གསུངས། སོ་ལྔ་པར། མལ་འོག་ཏུ་འཇུག་རྒྱུའི་ཐ་འཁོར་ལུགས་གཅིག། སོ་དྲུག་པར། སྦས་པ་མིག་འབྱེད་གསེར་ཐུར་ནས་