[A:༥༦༡བ]གསུངས་པའི་ཕྱི་སྒྲུབ་ཆེན་མོ་ཁ་བསྒྱུར་རྒྱས་པའི་ལྟེ་བ། སོ་བདུན་པར། གསང་འཁོར་ཕྱག་བཞེས་ཐུགས་རྩིགས་མ། སོ་བརྒྱད་པར། དཀའ་གནད་མདུད་དགྲོལ་དང་ཞུ་དག་ཕེར་ཞེས་ཁ་བྱང་ཡོད་པའི་གསང་འཁོར། སོ་དགུ་པར། གསང་འཁོར་ཕྱོགས་ཙམ་གཅིག། མལ་འོག་ཏུ་འཇུག་རྒྱའི་ཐ་འཁོར་གཅིག། སྦྱིན་སྲེག་ཐབ་ཁུང་བྲི་ནོར་གཅིག། བཞི་བཅུ་པར། རྗེ་བཙུན་རིན་པོ་ཆེས་བཞེད་པའི་མལ་འོག་ཐ་འཁོར། ནོར་བུ་གསལ་འབར་ནས་གསུངས་པའི་དྲིལ་ལིངྒ། ཞེ་གཅིག་པར། ཕྱི་སྒྲུབ་ཆེན་མོ་ཁ་བསྒྱུར་རྒྱས་པའི་ལྟེ་བ་བྲི་ལུགས་ནོར་བ། ཞེ་གཉིས་པར། ཞི་བའི་འཁོར་ལོ་བྲི་ནོར་ཐེབ་གཅིག། ཞེ་གསུམ་པར། འདོད་རྒྱལ་གྱི་གཤམ་ཐབས། འཇམ་མགོན་ས་པཎ་གྱི་གསུང་འཁོར་ལོའི་རབ་གནས་ཀྱི་མཎྜལ་དང་། སྦྱིན་སྲེག་གི་ཐབ་ཀྱི་དཔེའུ་རིས་རྣམས་བཅས། དེ་ལྟར་བརྗོད་མ་ཐག་པའི་པོད་གསར་འདི་ཉིད་ཀྱི་ལུང་ཕལ་ཆེ་བའི་བརྒྱུད་པ་ནི།་མཛད་པ་པོ་ནས། ཀུན་བློ་ཡན་གོང་ལྟར་ལ། དེ་ནས། འཆི་མེད་བསྟན་པའི་ཉི་མ། བྱམས་པ་ནམ་མཁའ་ལེགས་པའི་ལྷུན་གྲུབ། གྲུབ་དབང་ངག་དབང་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན།