R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༢བ
[A:༥༦༢བ]ཞིའི་དགེ་ལེགས་རབ་འཕེལ་ལྷ་བཙུན་གྱིས་མཛད་པ། ཚོགས་བདག་འཁོར་ལོའི་བསྐྱེད་ཆོག་
(ཇི)
ལ་མཁོ་བའི་ཟུར་འདེབས། ཚོགས་བདག་གཏེར་བུམ་སྒྲུབ་པའི་ངག་འདོན་
(ཉི)
ལྷ་བཙུན་གྱིས་མཛད་པ། འབྱུང་འདུལ་དང་ཚོགས་བདག་མཆོད་ཅིང་སྐོང་བའི་
(ཇི)
ཆོ་ག་བརྟན་གཡོའི་ཡིད་འཕྲོག་ཀུན་བློས་མཛད་པ། འདོད་རྒྱལ་འཁོར་ལོའི་བསྐྱེད་
(ཇི)
ཆོག་ལ་མཁོ་བའི་ཟུར་འདེབས་གསལ་བའི་མེ་ལོང། འདོད་རྒྱལ་རླུང་འཁོར་
(བི)
ལ་རབ་གནས་སྐབས་འཁོར་ལོའི་བསྐྱེད་ཆོག་ལ་མཁོ་བའི་ཟུར་འདེབས་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཤར་བླ་མ་ཀུན་དགའ་དཔལ་ལྡན་ཡན་གོང་གི་བརྒྱུད་པ་ལྟར་ལ། དེ་ནས། དཔལ་ལྡན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་བློ་གཏེར་དབང་པོ། མེར་སྤྲུལ་རིན་པོ་ཆེ། རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་བྱམས་པ་སྙན་གྲགས་ཐར་པ། གཟིམས་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན། ཆོས་རྗེ་བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ལ་དགྱེས་བཞིན་དུ་གནང་བའོ།། །། ༈ དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཁྱད་ཆོས་ཟབ་