R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༥བ
[A:༥༦༥བ]པའི་མཐའ་ཅན། ནཱི་གུ་ཆོས་དྲུག་གི་འཇུག་སྒོ་ཡོན་ཏན་ཀུན་འབྱུང་མགོར། ཨོཾ་སྭསྟི། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཞེས་དང་། འདིས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་གི་མཐའ་ཅན། ཡང་འདི་གཏོར་ཆོག་གི་སྐབས་སུ་ཞེས་དང་། རིགས་ལྔའི་སྤྱི་སྐོང་གང་རུང་བྱའོའི་མཐའ་ཅན། ནཱི་གུའི་རྒྱུད་སྡེ་བཞིའི་མངོན་རྟོགས་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་དང་། བསྔོ་བ་སྨོན་ལམ་བཀྲ་ཤིས་སྤྱི་དང་ཐུན་མོང་གི་མཐའ་ཅན། ཡང་མགོར་པོའི་དབང་ཞེས་པ་ནས། དེ་ཉིད་འདི་གའི་ཁྲིད་ཀྱིས་གོ་ཡོང་ངོའི་མཐའ་ཅན། ནཱི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་མགོར། བླ་མ་ཡི་དམ་ཆོས་སྐྱོང་ལ། །གུས་བཏུད་མཆོད་པས་མཉེས་བྱས་ནས། ཞེས་ཡོད་
(ང)
པའི། ཆོས་དྲུག་སྒོས་བཀའ་སོ་སོའི་ཕྱག་ལེན་འདི་ནི་རྗེ་བཙུན་བླ་མ་དམ་པའི་བྲན་དུ་གྱུར་པ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཆུ་མོ་གླང་ལོར་སྤུ་དཀར་བླ་བྲང་རྫོང་དུ་གོ་བདེ་བཀླག་ཆུག་ཏུ་བཀོད་པ་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོའི་མཐའ་ཅན། ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཉམས་སུ་ལེན་ཚུལ་མགོར། ཕན་དང་བདེ་བའི་