R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༥ན
[A:༥༦༥ན]བྱ་མ་ལུས་པ། ཞེས་པ་ནས། ཡོངས་དག་ནས་འགྲོ་འདྲེན་དཔའ་བོར་ཤོག་གི་མཐའ་ཅན། བདེ་མཆོག་ལྷ་ལྔའི་མངོན་རྟོགས་མགོར། བླ་མ་ཌཱ་ཀི་ལ་ན་མོ། ནཱ་ད་འོད་དུ་ཡལ་ནས་འོད་གསལ་ལ་སེམས་བཞག་གི་མཐའ་ཅན། རུ་སྡེ་ལྔའི་མངོན་རྟོགས་མགོར། ན་མོ་གུ་རུ་ནས། རྗེས་ལ་བསྔོ་བ་སྨོན་ལམ་བྱའོའི་མཐའ་ཅན། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཕྱག་རྒྱ་ཆེན་པོའི་མན་ངག་གི་སྙིང་པོ་ཨི་ཐིའི་མཐའ་ཅན། རྗེ་བཙུན་མུ་ཏིག་གི་ཕྲེང་བའི་ཞལ་གདམས་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནས། ནཱི་གུ་མའི་གཏུམ་མོ་སྒོམ་པའི་ཞལ་གདམས་ཀུན་ལ་མེད་པའི་ཆིག་བརྒྱུད་མ། ཞལ་གདམས་བཀའ་རྒྱ་མའི་མཐའ་ཅན། ནཱི་གུའི་ཞལ་ཤེས་དགོས་པ་རྣམས་ཀྱི་ལྷན་ཐབས་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནས། སྲས་མོ་དཔལ་གྱི་ཡེ་ཤེས་ཀྱིས་མཁའ་འགྲོ་མ་ནཱི་གུ་མ་ཡིན་གསུངས་པའི་མཐའ་ཅན། ཆོས་དྲུག་གསང་བའི་སྒྲོན་མེའི་ཁྲིད་ཡིག་མགོར། བླ་མ་དམ་པའི་ཞབས་ལ་གུས་ཕྱག་འཚལ་ལོ། །ཞེས་དང་། སྔགས་འཆང་པྲཛྙཱེ་ཤྲཱི་དྷྭ་ཛས་ཡི་གེར་བཀོད་