R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༦བ
[A:༥༦༦བ]གུ་རུ་དེ་ཝ་ཌཱ་ཀི་མ་ཧཱ་ཀ་ལ་ཞེས་དང་། མཁའ་སྤྱོད་དམར་མོ་ལ་སོགས་ལ་མཁོ་བའི་ཟབ་ཆོས་ཡིན་གསུངས་པའི་མཐའ་ཅན། ལུས་འཆི་མེད་ཀྱི་བཀའ་ནི།
(ད)
མགོར། མཎྜལ་ལ་པདྨ་འདབ་བཞི་ཞེས་པ། འདི་ཡང་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་སྤུར་དཀར་བླ་བྲང་རྫོང་དུ་ཕྱག་ལེན་བཀོད་པའོའི་མཐའ་ཅན། འཇམ་དབྱངས་མཁྱེན་བརྩེས་ཚར་ཆེན་ཀྱི་གསུང་ལ་ཟིན་བྲིས་མཛད་པའི་མགོར།
(རྩེ)
ནཱི་གུའི་སྒྱུ་ལུས་དབང་མོ་ཆེའི་ཚེ་ཞེས་པ་དང་། གཡོན་བརྐྱང་པའི་དོར་སྟབས་ཀྱིས་བཞུགས་པའོའི་མཐའ་ཅན། རྣམ་འཇོམས་གསང་སྒྲུབ་མགོར།
(རྩེ)
ན་མོ་གུ་རུ་ཞེས་དང་། གསང་སྒྲུབ་རྫོགས་སོ་ཨི་ཐིའི་མཐའ་ཅན། མཁའ་སྤྱོད་དཀར་མོ་དང་གསུམ་ཁྲུས་ཀྱི་མགོར།
(ང)
མ་དང་མཁའ་འགྲོས་རྗེས་བཟུང་དངོས་གྲུབ་བརྙེས། །ཞེས་དང་། ལྕགས་ལུག་ཟླ་བ་བདུན་པའི་དུས་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ་གྱི་མཐའ་ཅན། སུ་ཁ་སདྡྷིའི་བྱིན་རླབས་མགོར།
(ང)
བདེ་བའི་དཔལ་རྒྱུན་མི་ནུབ་རྫོགས་ལྡན་དཔྱིད། །ཅེས་དང་། སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོགས་པའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ་གྱི་མཐའ་ཅན། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་