R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༧ན
[A:༥༦༧ན]གསང་སྒྲུབ་སྐོར་གསུམ་མགོར།
(ད)
དཔལ་ལྡན་སྟོབས་བཅུའི་དབང་ཕྱུག་རིགས་ཀྱི་བདག། །ཅེས་དང་། གྲང་ཆེན་ཆོས་འཁོར་ཡང་རྩེའི་དབང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ་གྱི་མཐའ་ཅན། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་གཙོ་འཁོར་གསུམ་གྱི་རྗེས་གནང་གི་མགོར། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ།
(ཀུན་)
འགྲོ་སྐྱབས་ཡིད་འོང་སྙིང་རྗེའི་སྐུ། །ཞེས་དང་། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་སྦྱར་བའོའི་མཐའ་ཅན། རྟ་མགྲིན་གསང་སྒྲུབ་
(ང)
མགོར། ཨོཾ་སྭསྟི། ཚེ་རྟ་ཟུང་འབྲེལ་བྱེད་པར་འདོད་ན་ཞེས་དང་། རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་དུ་བྲིས་པའོའི་མཐའ་ཅན། ནཱི་གུ་ཆོས་དྲུག་གི་ཞལ་གདམས་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས།
(ཐ)
མགོར། ན་མོ་གུ་རུ། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཞེས་པ་ལུང་སྟོང་སྨྱོན་པས་ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་ལྷ་གདོང་དུ་ཉམས་སུ་བླང་པའི་ཉམས་རྟོགས་ལ་སྦྱར་ནས་རི་བོ་ཆེར་སྦྱར་བའོའི་མཐའ་ཅན། ནཱི་གུའི་ཟིན་བྲིས་གསང་ཆེན་བཅུད་ཀྱི་སྙིང་པོ་མཁྱེན་བརྩེའི་དབང་ཕྱུག་གི་ཉམས་ལེན་མགོར།
(རྩ)
ཕ བླ་མ་སྐུ་