R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༩ན
[A:༥༦༩ན]བུམ་པ་སྒྲུབ་པ་མགོར། མགོན་པོ་གཟི་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་དང་། དཔེ་སུ་ལའང་མི་སྟོན་ནོ། །ས་མ་ཡ།་Jའི་མཐའ་ཅན། གཞན་ལ་མེད་པའི་ཁྱད་ཆོས་མགོར། ན་མོ་གུ་རུ། ཞེས་དང་། ཧཱུཾ་བྲི་བ་མ་ཡིན་ནོ། །ས་མ་ཡ། Jའི་མཐའ་ཅན། སྦྱིན་སྲེག་མགོར། མགོན་པོ་འདིའི་སྦྱིན་སྲེག་ལ་ཞེས་དང་། ས་མ་ཡ། རྒྱ་རྒྱ་རྒྱ། Jའི་མཐའ་ཅན། བསྟོད་པ་མགོར། ཧཱུཾ་ཧཱུཾ་ཧཱུཾ། ཞེས་དང་། ཆོས་སྐྱོང་དང་ཞལ་མཇལ་དུས་བསྟོད་ཅིང་གསོལ་བ་བཏབ་པ་ཡིན་ནོའི་མཐའ་ཅན། རབ་གནས་མགོར། འདིའི་སྒོས་ཀྱི་རབ་གནས་བྱ་ཞེས་དང་། ཤངས་པའི་ཞལ་གདམས་ཡི་གེར་བཀོད་པའོའི་མཐའ་ཅན། སྐུ་འབག་རབ་གནས་མགོར། བླ་མའི་སྐུ་འབག་ཅེས་དང་། དགེ་སློང་རྡོ་རྗེ་འཛིན་པ་ནམ་མཁའ་སྟོབས་རྒྱས་རྒྱལ་མཚན་དཔལ་བཟང་པོས་དབེན་པའི་གནས་མཆོག་འོ་མ་ཕུག་གི་ཡང་དགོན་དུ་སྦྱར་བའོའི་མཐའ་ཅན་རྣམས་ཀྱི་ལུང་བཅས་ལེགས་པར་ཐོབ་པ་ནས། དང་པོ་སྒྱུ་ལུས་ཆོས་དྲུག་ལམ་ཁྱེར། ལུས་སེམས་འཆི་མེད་བཅས་ཀྱི་དབང་ཁྲིད་དང་། ཡིག་རྙིང་རྣམས་ཀྱི་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་