R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༨བ
[A:༥༦༨བ]ལམ་བཀའ་རྒྱ་མ། བཀྲ་ཤིས་བཀའ་རྒྱ་མ། རྗེ་བཙུན་ཏཱ་ར་ན་ཐའི་ནཱི་གུའི་ཁྲིད་
(འདི་ལུང་མ་ཐོབ་ཡང་རྗེས་སུ་ཞུ་དགོས་ཡོད། )
དཔེ་ཟབ་དོན་ཐང་གདལ་མ་བཅས་ལེགས་པར་ཐོབ་ནས། ༈ བསྟན་སྲུང་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐོར་ལ། ཕྱག་དྲུག་ནག་པོ་གཙོ་འཁོར་དྲུག་གི་རྗེས་གནང་ངག་དབང་ཆོས་གྲགས་ཀྱིས་མཛད་པ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་ཡིག་མགོར། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་པ་ནས། ལུང་སྟོང་སྨྱོན་པས་རང་ཉིད་ཀྱི་མྱོང་བ་དང་བསྟུན་ནས་སྦྱར་བའོའི་མཐའ་ཅན། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་མགོར། ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནི་ཞེས་དང་། བློ་གསལ་རྒྱ་མཚོས་སྦྱར་བ་རེ་ཞིག་རྫོགས་སོའི་མཐའ་ཅན། རྗེས་གནང་གི་ཡི་གེ་མགོར། མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐུ། །ཞེས་དང་། དགེ་སློང་ཆོས་གྲགས་ཀྱིས་བཀོད་པའོའི་མཐའ་ཅན། མགོན་དཀར་ཡིད་བཞིན་ནོར་བུའི་ལས་ཚོགས་ཐུན་མོང་མ་ཡིན་པ་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། གནམ་སྟོང་གི་བར་ལ་བྱའོ། །ས་མ་ཡ། Jའི་མཐའ་ཅན། འཁོར་ལོ་བྲི་ཐབས་མགོར། དབང་སྡུད་འཁོར་ལོ་བྲི་བ་ནི། ཞེས་དང་། ཀ་ལྱཱ་ཎ་ཝརྡྷནྟུའི་མཐའ་ཅན།