R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༣ན
[A:༥༧༣ན]གྱུར་གླིང་པའི་གཏེར་ཆོས་ནང་ཚན་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་དབང་རྒྱས་འབྲིང་བསྡུས་གསུམ་སོགས་མང་དུ་བཞུགས་པའི་དབང་ལུང་ཕལ་མོ་ཆེ་འཇམ་མགོན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་ཞུས་བསྩལ་གོང་དུ་སོང་ནས། འདིར་དབང་འབྲིང་བསྡུས་ནོས་པའི་བརྒྱུད་པ་ནི། བླ་མ་སྐུ་གསུམ། བཀའི་སྡུད་པ་མོ་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང། ལྷ་སྲས་དམ་འཛིན། མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་སོ། ། འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་ཟབ་གཏེར་གྲོལ་ཏིག་གི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དམ་གྲིབ་ཉེས་པ་ཀུན་སེལ་དང་། བླ་མ་གསང་འདུས་ཆ་ལག་མཁའ་འགྲོའི་གྲིབ་སེལ་བཀླགས་ཆོག་བཅས་ཀྱི་ལུང་གི་བརྒྱུད་པ་ནི། ཁྲོ་རྒྱལ་དམེ་བརྩེགས། མཁའ་འགྲོ་མ་སེང་གེའི་གདོང་ཅན། ཨོ་རྒྱན་པདྨ། ཡེ་ཤེས་མཚོ་རྒྱལ། ངག་དབང་རྡོ་རྗེ། སྦྱོར་ར་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་མཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་སོ། །