R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༣བ
[A:༥༧༣བ]༈ པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་པྲ་བྷ་ཧསྟིའི་དགོངས་པ་གུ་རུ་ཤཱཀྱ་སེང་གེས་སྙན་བརྒྱུད་དུ་གནང་བའི་ཕུར་པ་གནད་ཏིག་གི་དབང་བཞི་ཚེ་དབང་བཅས་དང་། ཕུར་བཞིའི་དགོངས་པའི་ཟབ་ཁྲིད་སོགས་ཀྱི་བརྒྱུད་པ་ནི། པྲ་བྷ་ཧསྟི། ཤཱཀྱ་སེང་གེ། གཏེར་ཆེན་བླ་མ་རྡོ་རྗེ་གཟི་བརྗིད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་སོ། ། ༈ གྲུབ་ཆེན་ས་རུ་པ་དང་། དྲུང་ཨ་ནནྟ་གཉིས་ནས་བརྒྱུད་པའི་ས་གཅོད་དུ་གྲགས་པའི་དབང་ནམ་མཁའ་སྒོ་འབྱེད་དང་། ཁྲོས་མ་ལྷ་ལྔའི་དབང། མ་གཅིག་མཁའ་འགྲོ་སྡེ་ལྔའི་དབང་བཅས་སྔོན་དུ་འགྲོ་བའི་སྒོ་ནས། ལྗགས་ལུང་ལ་སྡེ་སྤར་སྔར་ཡོད་པོ་གཅིག་གི་ལུང་བཅས་ཐོབ་པའི་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་མོ། ལོངས་སྐུ་མཁའ་འགྲོ་སྡེ་ལྔ། སྤྲུལ་སྐུ་རྗེ་བཙུན་སྒྲོལ་མ། མ་གཅིག་ལབ་ཀྱི་སྒྲོལ་མ། སྲས་མཆོག་རྒྱལ་བ་དོན་གྲུབ། གྲུབ་ཐོབ་བསོད་ནམས་དཔལ་འབྱོར། མཉམ་མེད་ཀུན་དགའ་དཔལ་འབྱོར། འཇམ་དབྱངས་ལྷུན་གྲུབ་རྒྱལ་མཚན། ཐང་མཁར་བ་དབང་ཕྱུག་རྒྱལ་མཚན། རི་ཁྲོད་པ་བརྩོན་འགྲུས་རྒྱལ་མཚན། ཐུབ་བསྟན་མཁན་ཆེན་ངག་དབང་བརྟན་པའི་རྡོ་རྗེ།