[A:༥༧༤ན]བླ་མ་ཤྲཱི་ཝཱན་དྷྭ་ཛ། བླ་མ་ཀུན་དགའ་རྒྱལ་མཚན། གྲུབ་དབང་དཀོན་མཆོག་འོད་ཟེར། ངག་དབང་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་ངག་དབང་པུན་ཚོགས། བླ་མ་ངག་དབང་མཐར་ཕྱིན། ངག་དབང་བསོད་ནམས་རབ་གྲུབ། ངག་དབང་ཀུན་དགའ་བསོད་ནམས། མཚུངས་མེད་ཀུན་དགའི་མཚན་ཅན། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་སོ། །
༈ གོང་གི་སྙན་བརྒྱུད་བར་པ་དང་། ས་གཅོད་ཀྱི་དབང་ལུང་རྗེ་བླ་མས་རྡོ་རྗེ་འཆང་གཞན་ཕན་སྙིང་པོ་ལས་གསན། གཞན་ཉེས་པ་ཀུན་སེལ། གཡུ་ཐོག་སྙིང་ཐིག་སོགས་ཀྱང་དེ་ནས་ཞུས་གནང་འདྲ་བས་དེ་ལྟར་ན་འཇམ་མགོན་རྣམ་གཉིས་མན་གྱི་བརྒྱུད་པ་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་གསན་ཡིག་ལས་འཚོལ་དགོས་པ་ཡོད་དོ། །
༈ གཟིམས་འོག་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པའི་མགོན་པོའི་བླ་མཆོད་ཀྱི་ལུང་བརྒྱུད་མཛད་པ་པོ་མན་གོང་མགོན་པོད་ཀྱི་ལུང་བརྒྱུད་དང་འདྲ། །དེ་ཡན་