[A:༥༧༦བ]འཕགས་མཆོག་གང་གི་སྒྱུ་འཕྲུལ་སྒྱུ་མའི་སྐུ། །
སྐུ་ཡི་མཆོག་གྱུར་བཤེས་གཉེན་བཤེས་ཀྱི་གཙོ། །
གཙོ་ལྡན་རྒྱལ་དབང་བསྟན་འཛིན་བསྟན་འགྲོའི་སྐྱབས། །
སྐྱབས་མཆོག་ཡོན་ཏན་རྒྱ་མཚོ་སྲིད་ན་རྒྱལ། །
དགེ་ལེགས་ཀུན་འབྱུང་ཀུན་མཁྱེན་སྨྲ་བའི་དབང། །
དབང་ཕྱུག་བརྒྱུད་ལྡན་བརྒྱད་གཉིས་བརྩེ་བའི་ཐུགས། །
ཐུགས་ཀྱི་གསང་མཛོད་གསང་ཆེན་ཟབ་མོའི་ཆོས། །
ཆོས་ཚུལ་ཇི་ཐོབ་ཇི་བཞིན་ལེགས་པར་འབྲི། །
ཞེས་མཆོད་ཚིག་དང་དམ་བཅས་མདུན་བསུས་ནས། རིམ་པར་ཕྱེ་བ་དྲུག་པ་༧གོང་ས་ལྷ་མིའི་རྣམ་འདྲེན་དམ་པ་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་མཆོག་གི་ཞལ་སྔ་ནས། རང་གི་འདོད་པ་བཞིན་དུ་ཟབ་ཆོས་བསྩལ་བའི་མཚན་དང་། བརྒྱུད་རིམ་འགོད་པ་ལ་ཐོག་མར། ཐེག་པ་ཆེ་ཆུང་གི་ལམ་གྱི་གཞི་ཆེན་པོ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་