[A:༥༧༧ན]ཉམས་ལེན་ཚང་ལ་གོ་རིམ་མ་ལོག་པར་ཉམས་སུ་ལེན་ཚུལ་སྟོན་པ་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་དགོངས་དོན་ལེགས་པར་བཤད་པ་རྗེ་བདག་ཉིད་ཆེན་པོ་ཆོས་རྗེ་ཙོང་ཁ་བས་མཛད་པའི་བྱང་ཆུབ་ལམ་རིམ་ཞེས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། གསུང་རབ་མ་ལུས་པ་གདམས་པར་ཤར་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་སྟེ། ཁྱད་ཆོས་བཞི་དང་ལྡན་པ་དེ་ལ་གཞུང་ཚད་མང་ཉུང་གི་སྒོ་ནས་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་བསྡུས་པ། བདག་ཉིད་ཆེན་པོ་ཆོས་རྗེ་བློ་བཟང་གྲགས་པའི་དཔལ་གྱིས་ཉམས་མགུར་གྱི་ཚུལ་དུ་མཛད་པའི་སྟེང་དུ་ལམ་རིམ་རྒྱས་འབྲིང་གཉིས་ཀྱི་ཚིག་དོན་ཕལ་མོ་ཆེ་བསྣན་ཏེ་ལེགས་པར་བསྩལ་བའི་བརྒྱུད་པ་ནི། སྤྱིར་འདི་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། ཟབ་མོ་ལྟ་བའི་བརྒྱུད་པ།