R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༨བ
[A:༥༧༨བ]རྗེ་གཤེད་ཀྱི་སྐོར། དེ་ལ་དམར་ནག་གཉིས་ལས་ནག་པོ། དེ་ལ་དགྲ་གདོང་འཇིགས་གསུམ་གྱི་འཇིགས་བྱེད། དེ་ལ་བཀའ་སྲོལ་མང་དུ་ཡོད་པ་ལས་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་བརྒྱུད་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་དངོས་སྟ་ཟུང་སྦྲེལ་གྱི་དབང་ཆེན་ལེགས་པར་བསྩལ་བའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། པཎ་གྲུབ་ཡེ་འབྱུང་སྦས་པ། གྲུབ་ཆེན་པདྨ་བཛྲ། བལ་པོ་བྷ་རོ་ཕྱག་རྡུམ། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ལོ་ཆོས་རབ། རྭ་ཡེ་ཤེས་སེངྒེ། རྭ་འབུམ་སེང། རྗེ་བཙུན་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་རོང་པ་ཤེས་རབ་སེངྒེ། ཡེ་ཤེས་དཔལ། བསོད་ནམས་ལྷུན་གྲུབ། དོན་གྲུབ་རྡོ་རྗེ། རྗེ་བློ་བཟང་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས པཎ་ཆེན་ཆོས་རྒྱམ། སྔགས་ཆེན་དཀོན་རྒྱམ། སྐྱིད་ཤོད་ངག་དབང་བསྟན་འཛིན་ཕྲིན་ལས། གནས་བརྟན་འཇམ་དབྱངས་གྲགས་པ། འཇམ་དབྱངས་བཞད་པ། སྒོ་མང་བ་བློ་