R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༨ན
[A:༥༧༨ན]སེང་གེ་བཟང་པོ། ནམ་མཁའ་རྒྱལ་མཚན་ཞེས་སོགས་དང་། ༈ ཡང་འབྲོམ་སྟོན་ནས། དགེ་བཤེས་པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྤྱིལ་ཕུ་བ་སོགས་ཏེ་ལམ་རིམ་བརྒྱུད་པ་ཞིབ་པ་དགོས་ན་གཞན་དུ་རྟོགས་པར་བྱའོ། །དེ་དང་སྦྲེལ་བར་ཇོ་བོའི་བྱང་ཆུབ་ལམ་རིམ་དང་། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། དབེན་ས་པ་སོགས་ཀྱིས་མཛད་པའི་སྦྱོར་བའི་ཆོས་དྲུག་དང་། དམར་ཁྲིད་སྔོན་འགྲོའི་ངག་འདོན་སྐལ་བཟང་མགྲིན་རྒྱན། དགའ་ལྡན་ལྷ་བརྒྱ་མ། ཐུན་དྲུག་གི་རྣལ་འབྱོར་བཅས་ཀྱི་ལུང་བརྒྱུད་ཀྱང། མཛད་པ་པོ་སོ་སོ་ནས། དེ་མན་གོང་འདྲ་སྙམ་མོ། ། དེ་ལྟར་སྔོན་འགྲོའི་གསུང་བཤད་ལྗགས་ལུང་བཅས་ལེགས་པར་བསྩལ་བའི་རྗེས་དེ་མ་ཐག་དངོས་གཞི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ལ། སྤྱིར་རྒྱུད་བཞི་ཡོད་པ་ལས། གསང་སྔགས་བླ་མེད་ཀྱི་རྒྱུད། དེ་ལའང་བརྗོད་བྱའི་སྒོ་ནས་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཐབས་ཤེས་གཉིས་ཀ་ཆ་མཉམ་དུ་སྟོན་པ་གཉིས་མེད་ཀྱི་རྒྱུད་དེ་གསུམ་ཡོད་པ་ལས། ཕ་རྒྱུད་དེ་ལ་ཕ་རྒྱུད་སྡེ་གསུམ་ལས་གཤིན་