[A:༥༨༤བ]ཆེན། དེ་བཞིན་དུ་འཇམ་མགོན་གྲུབ་པའི་དབང་ཕྱུག་བསོད་ནམས་དབང་པོ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག། དེ་གཉིས་ཀ་ལས་འཇམ་དབྱངས་ཀུན་དགའ་བཀྲ་ཤིས། དེ་ལས་རྡོ་རྗེ་འཆང་བསོད་ནམས་རིན་ཆེན། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན། གནས་ལྔ་རིག་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་རྒྱལ་མཚན། སྔགས་འཆང་ཐམས་ཅད་མཁྱེན་པ་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན། རིགས་བརྒྱའི་ཁྱབ་བདག་ཀུན་དགའ་སྙིང་པོ། གདོད་མའི་མགོན་པོ་དྲག་ཤུལ་ཕྲིན་ལས་རིན་ཆེན། དེས་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་འཇམ་དཔལ་བཟང་པོ། དེས་བདག་འཁོན་རིགས་པ་ཐེག་ཆེན་དཔལ་འབར་ལའོ། །
ཡང་ན། ཆོས་རྗེ་ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་མན་འདྲ། ཡང་ན་ཉན་ཆེན་བསོད་ནམས་བརྟན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ། བླ་མ་