R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༤ན
[A:༥༨༤ན]ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། རྗེ་བཙུན་གཉིས་སྤངས་པ། མཁས་པ་ཆེན་པོ་སྤྲིན་འཛིན། འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ་ཆོས་འཕགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན། བླ་མ་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་སངས་རྒྱས་དཔལ། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང་། ཀུན་མཁྱེན་བསོད་ནམས་སེངྒེ་གཉིས་ཀྱིས་གསན། ཕྱི་མ་གསུམ་ཆ་ལས་ཡོངས་འཛིན་དཀོན་མཆོག་འཕེལ། དེ་ལས་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་གསན། དེ་ལས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་