R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༦བ
[A:༥༨༦བ]འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། སྔགས་འཆང་ངག་དབང་བསོད་ནམས་དབང་ཕྱུག། དེ་གཉིས་ཀ་ལས་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། དེ་ལས་ཡབ་རྗེ་བསོད་ནམས་རིན་ཆེན་མན་གོང་ལམ་འབྲས་རྩ་བའི་བརྒྱུད་པ་བཞིན་ནོ། ། ཡང་ན། སྔགས་འཆང་ཆེན་པོ་ནས། མུས་ཆེན་དཀོན་མཆོག་རྒྱ་མཚོ། འཇམ་དབྱངས་བསོད་ནམས་དབང་པོ། སྔགས་འཆང་གྲགས་པ་བློ་གྲོས། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས་མན་འདྲ། ཡང་ན། རྗེ་བུདྡྷ་སིཾ་ཧ། ཡོལ་དགོན་པ་བློ་གྲོས་ཆོས་འཕགས་པ། མངའ་རིས་པ་ཀུན་དགའ་ལུང་རིགས། ནགས་དགོན་པ་སྦྱིན་པ་གྲགས་པ། འཇམ་མགོན་ཨ་མེས་ཞབས་མན་འདྲ། ཡང་ན། ངོར་ཆེན་ཡབ་སྲས། མཁས་གྲུབ་དཔལ་ལྡན།