[A:༥༨༧ན]མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། ས་ལོ་ཀུན་དགའ་བསོད་ནམས་མན་འདྲ།
ཡང་ན། ངོར་ཆེན་དང་། མུས་ཆེན་གཉིས་ཀ་ལས་སྤྱན་སྔ་ཀུན་དགའ་རྡོ་རྗེ་དང་། གུ་རུ་ཤེས་རབ་བཟང་པོས་གསན། དེ་གཉིས་ཀ་ལས་མི་ཉག་པཎ་ཆེན་གྱིས་གསན་པ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཙཱ་བ་མན་འདྲ། གཞན་ཡང་བརྒྱུད་སྲོལ་ཅུང་མི་འདྲ་བ་མང་པོ་ཡོད་པ་ས་ཆེན་ཀུན་བློ་དང་། རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ཤེས་དགོས་སོ། །
ཡང་རྒྱུ་དབང་ས་སྐྱའི་ཞལ་ངོ་ནང་བརྒྱུད་ནི། བླ་ཆེན་འཕགས་པ་ནས། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་ནས། ས་ཆེན་ཀུན་བློ་ཡན་གོང་ལམ་འབྲས་བཞིན་ལ། དེ་ནས་ཡབ་རྗེ་དབང་སྡུད་སྙིང་པོ། པདྨ་བདུད་འདུལ་དབང་ཕྱུག་མན་འདྲའོ། །
གཞན་ཡང་ངོར་ལུགས་ནི། ངོར་ཆེན་རྡོ་རྗེ་འཆང་ཡན་ལམ་འབྲས་ལྟར་ལ། དེ་ནས་མུས་ཆེན་སེམས་