R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༩ན
[A:༥༨༩ན]རིན་པོ་ཆེ་ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག །སྔགས་འཆང་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། ལྔ་རིག་ཀུན་དགའ་བཀྲ་ཤིས། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག །ཐེག་ཆེན་བཀྲ་ཤིས་རིན་ཆེན། ཀུན་སྙིང་འཇིགས་མེད་དབང་རྒྱལ། རྡོ་རྗེ་འཆང་ཀརྨ་རཏྣ། མཁན་ཆེན་འཇམ་དཔལ་བཟང་པོ། དེས་བདག་ལ་གནང་བའོ། ། ཡང་ན། ཡོངས་འཛིན་ནས། དཀོན་མཆོག་ལྷུན་གྲུབ། བྲང་ཏི་པཎ་ཆེན། རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། ས་སྐྱ་པ་ཀུན་བཀྲས་མན་འདྲ། ས་ཆེན་ཀུན་བློས་བྲག་རྩལ་བ་བློ་གསལ་བསྟན་འཛིན་རྒྱ་མཚོ་ལས་ལམ་དབང་གསན་པའི་བརྒྱུད་པ་ནི། སྔགས་འཆང་ཀུན་བཀྲས་ནས། སྤྲོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ། བྲག་རྩལ་རྗེ། ཀུན་བློ་མན་འདྲའོ། །