[A:༥༨༨བ]འདུལ། འཇམ་མགོན་ཀུན་དགའ་རྒྱལ་མཚན། དཔོན་སློབ་བཟོད་པ་ཕུན་ཚོགས། ཀུན་དགའ་སྙིང་པོ་མན་འདྲའོ། །
རྡོ་རྗེ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་རྒྱས་པ་ནི། གོང་གི་གསུང་ངག་ཡོངས་རྫོགས་ཀྱི་དབང་ཁྲིད་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ཡིན་ཅིང། འདིར་ཡང་རྒྱུ་དབང་དང་ལམ་དབང་གཉིས་ཀའི་བརྒྱུད་པ་སོ་སོར་མ་ཕྱེ་བ་གཅིག་ཏུ་བརྗོད་ན། སངས་རྒྱས་རྡོ་རྗེ་འཆང། རྒྱལ་ཡུམ་བདག་མེད་མ། དཔལ་ལྡན་བི་རཱུ་པ། ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། གྲུབ་ཆེན་ཨ་ཝ་དྷཱུ་ཏཱི་པ། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེ། བླ་མ་སེ་སྟོན་ཀུན་རིག། བླ་མ་ཞང་སྟོན་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། རི་ཁྲོད་པ་བསོད་ནམས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་