R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༡ན
[A:༥༩༡ན]ཨཥྟ་སོགས་ཀྱི་བཟླས་ལུང་གོ་བདེར་བཀོད་པ། བདག་མེད་མའི་བྱིན་རླབས་བཅས་ཀྱི་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་མན་གསུང་ངག་རྩ་བའི་བརྒྱུད་པ་ལྟར་དང་། སྔགས་འཆང་ཆེན་པོའི་རྒྱུ་དབང་དང་། གྲུབ་མཆོག་བསོད་ནམས་དབང་པོའི་ལམ་དབང་གི་ཡིག་ལུང་ནི། མཛད་པ་པོ་སོ་སོ་ནས། དེ་མན་ལམ་འབྲས་རྩ་བའི་བརྒྱུད་རིམ་དང་འདྲ་སྙམ། གོང་གི་རྣམ་ཐར་ཀུན་བསོད་ཀྱིས་མཛད་པ་རྣམས་ནི། ས་ཆེན་ཀུན་བློས་ལུང་སྤེལ་མཛད་ཅིང་། ཀུན་བསོད་རྣམ་ཐར་མཛད་པ་པོ་ཁྲོ་ཕུ་དུས་ཞབས་པ་ནས་འཇམ་དབྱངས་བསོད་ནམས་དབང་ཕྱུག་གམ། སྔགས་འཆང་ཀུན་བཀྲས་གང་རུང་གིས་གསན་པ་འདྲ་ཞིང་། དེ་མན་ལམ་འབྲས་རྩ་བའི་བརྒྱུད་པ་དང་འདྲ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱི་རྣམ་ཐར་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་བསྟར་བ་ལ་མཁན་ཆེན་འཇམ་དཔལ་བཟང་པོས་དབུ་ཞབས་བར་གསུམ་དུ་མཆོད་བརྗོད་མཚམས་སྦྱོར། ཞལ་སྐོར། སྦྱར་བྱང་སོགས་