R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༡བ
[A:༥༩༡བ]བཅུག་ནས་པོད་གཉིས་སུ་བསྒྲིགས་ཏེ་ཁོ་བོ་ལ་གནང་བའོ། ། སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཀྱེ་རྡོར་མངོན་དཀྱིལ་དང་། བདག་མེད་མའི་སྒྲུབ་ཐབས། དེའི་དཀྱིལ་ཆོག བདེ་མཆོག་མངོན་དཀྱིལ། ཀུན་རིག་མངོན་དཀྱིལ་བཅས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་ཆེན་དོན་གྲུབ་ལེགས་བཟང་། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། ཆོས་རྗེ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། ཌཱ་ཀི་ཆོས་ཀྱི་ཉི་མ། དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། ། ཨ་མེས་ཞབས་ཀྱིས་མཛད་པའི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་དཀྱིལ་འཆི་མེད་དཔལ་སྟེར་གྱི་བརྒྱུད་པ་ནི། མཛད་པ་པོ་ནས། འཇམ་མགོན་བསོད་ནམས་དབང་ཕྱུག། དེ་གཉིས་ཀ་ལས་བདག་ཆེན་ཀུན་དགའ་བཀྲ་ཤིས། དེ་ནས། སྔགས་འཆང་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་