R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༥ན
[A:༥༩༥ན]མཁས་བཙུན་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཁོན་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན་མན་བསང་དཔེ་ལྟར་རོ། །ཡང་ན། ཡོངས་འཛིན་དཀོན་མཆོག་འཕེལ་སོགས་ཀུན་བློའི་གསན་ཡིག་བཞིན་ནོ། ། ཚད་མེད་བཞི་སྐོར། རྣམ་དག་ཆོས་དབྱིངས་སོགས་ཤོ་ལོ་ཀ །མ་ལུས་སེམས་ཅན་སོགས་ཤོ་ལོ་ཀ །ཕྱོགས་བཅུ་ཀུན་གྱི་སོགས་ཤོ་ལོ་ཀ །བཅོམ་ལྡན་ཐུགས་རྗེ་སོགས་ཤོ་ལོ་ཀ །རིན་ཆེན་སེམས་བཟུང་སོགས་སྤྱོད་འཇུག་གི་སེམས་བསྐྱེད་ལེན་པའི་ཆོ་ག་བཅས་ཀྱི་ལུང་བརྒྱུད་པ་ནི། སྟོན་མཆོག་ཤཱཀྱ་སེང་གེ །མགོན་པོ་འཇམ་པའི་དབྱངས། རྒྱས་སྲས་ཞི་བ་ལྷ། པཎྜི་ཏ་ཨེ་ལ་དྷ་རི་ཛི་ཏ་རི། དཔལ་ལྡན་ཟླ་བ་གྲགས་པ། ཇོ་བོ་པུཎྱཻ་ཤྲཱི། བལ་པོ་ཀ་ན་ཀ་ཡ།་པཎྜི་ཏ་སུ་མ་ཏི་ཀཱིརྟི། རྔོག་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱ་པ་ཆོས་ཀྱི་སེང་གེ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་