R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༤བ
[A:༥༩༤བ]འཛིན་མ་ཏི་སཱ་ག་ར། གྲུབ་དབང་རྡོ་རྗེ་རིན་ཆེན་མན་བསང་དཔེ་བཞིན་ནོ། ། ༈ ལུང་སྣ་ཚོགས་པ་ཆོས་སྤྱོད་ཀྱི་སྐོར་ལ། སྐྱབས་འགྲོ་བཞི་སྐོར་རྗེ་བཙུན་རིན་པོ་ཆེའི་གསུང་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཆོས་འབྱུང་བརྒྱ་རྩའི་ནང་གྲས་སངས་རྒྱས་ཆོས་ཚོགས་མ་ཤོ་ལོ་ཀ་གཅིག་གི་ལུང་བརྒྱུད་ནི། མཛད་པ་པོ་ཇོ་བོ་ལྷ་གཅིག་དཱི་པཾ་ཀ་ར། འབྲོམ་སྟོན་ཆེས་རྗེ། པུ་ཏོ་བ་རིན་ཆེན་གསལ། ཤར་པ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱ་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས། ཡོན་ཏན་བསོད་ནམས་ལྷུན་གྲུབ། ཡོན་ཏན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ། ངོར་ཆེན་དཀོན་ལྷུན། རྗེ་དཀོན་མཆོག་དཔལ་ལྡན། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཤེས་རབ་རྒྱ་མཚོ།