[A:༥༩༦བ]རིན་པོ་ཆེ། ཞང་སྟོན་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེམས་པ། ཤར་ཆེན་ཡེ་རྒྱལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། གོང་སེམས་བརྩེ་མ་དང་། འདི་གཉིས་ཀའི་བརྒྱུད་པ་ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ་སོགས་ཀུན་བློའི་གསན་ཡིག་ལྟར་རོ། །འཕགས་པ་རིན་པོ་ཆེས་མཛད་པའི་ཞི་བ་གདོང་བཞི་སོགས་ཐུབ་བསྟོད་དང་།རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ། ལོ་ཆེན་རིན་ཆེན་བཟང་པོ་བཅས་ཀྱི་བསྟོད་པ་བཅས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེང་གེ། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉེན་ཆེན་པ་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ་ཆེན་པོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཐེག་ཆེན་ཆོས་རྒྱལ་ཀུན་དགའ་བཀྲ་ཤིས། རྗེ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་བཟང་པོ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ།