R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༧ན
[A:༥༩༧ན]འབྲི་གུང་མཁན་ཆེན་རྣམ་རྒྱལ་མགོན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། སྔགས་འཆང་བཀྲ་ཤིས། སྔགས་འཆང་རྣམ་རྒྱལ་བཀྲ་ཤིས། བྱམས་པ་ངག་དབང་ཀུན་དགའ་བསོད་ནམས། བྱམས་པ་ངག་དབང་རྣམ་རྒྱལ། མཁན་ཆེན་ངག་དབང་ཨོ་རྒྱན། མཁན་ཆེན་བྱམས་པ་མགོན་བཟང་། གྲུབ་དཔོན་ངག་དབང་བསྟན་འཛིན་ཕུན་ཚོགས། ས་སྐྱ་པ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་འདྲ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་བྱམས་བསྟོད་ཆགས་པའི་སྐྱོན་བྲལ་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྔགས་འཆང་ཀུན་དགའ་བསོད་ནམས། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་མན་བསང་དཔེ་བཞིན། པཎྜི་ཏ་རྡོ་རྗེ་མཚོན་ཆས་མཛད་པའི་