R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༨ན
[A:༥༩༨ན]པ་གཞོན་ནུའི་སྐུ་ལུས་སོགས་ཤླཽ་ཀ་གཅིག་གི་བརྒྱུད་པ་གནས་གསར་རྗེ་མན་འདྲ་གསུངས། འཇམ་དཔལ་མཚན་བརྗོད་ལེའུ་བཅུ་གཉིས་པ་ཀཱ་མ་ལ་གུཔྟ་དང་། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། ཆོས་རྒྱལ་ཟླ་བ་བཟང་པོ། རིགས་ལྡན་པདྨ་དཀར་པོ། དུས་ཞབས་པ་ཆེ་ཆུང་། རྒྱལ་སྲས་ན་ལེནྡྲ་པ། ཁ་ཆེ་ཟླ་བ་མགོན་པོ། འབྲོག་ལོ་ཙཱ་བ། ལ་རྗེ་སྒོམ་པ། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་བ། སྲས་དྷརྨ་ཤྭ་ར། སྤྲུལ་སྐུ་ཇོ་འབུམ། ཁང་གསར་བ་ནམ་མཁའ་འོད་ཟེར། སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། རྗེ་འཇམ་གསར་མ། ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་གྲུབ་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་རྭ་སྟོན་པོ། མཁན་ཆེན་ལེགས་པའི་འབྱུང་གནས། ཐམས་ཅད་མཁྱེན་པ་དཀོན་