R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༨བ
[A:༥༩༨བ]མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། ངག་དབང་ཆོས་ཀྱི་གྲགས་པ། བྱམས་པ་ངག་དབང་རྣམ་རྒྱལ། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ངག་དབང་ཀུན་བློ་མན་གོང་བྱམས་བསྟོད་ལྟར་རོ། ། ཡང་ན། སེ་མོ་ཆེན་ནམ་མཁའ་རྒྱལ་མཚན་སོགས་ཀུན་བློའི་གསན་ཡིག་ལྟར་རོ། །རྒྱལ་བའི་མདུན་མ་སོགས་ལོ་བསྟོད་དང་། གནས་བརྟན་ཕྱག་མཆོད་ནས་འབྱུང་བའི་ཚོགས་གཉིས་མཐར་ཕྱིན་སོགས་ཤོ་ལོ་ཀ་བཅས་ཀྱི་བརྒྱུད་པ་ནི། མཁན་ཆེན་བཟང་པོ་ཡན་བཙལ། དེ་ནས་འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་བློ་མན་བསང་དཔེ་བཞིན། འགྲོ་མགོན་འཕགས་པ་རིན་པོ་ཆེས་མཛད་པའི་ལམ་འབྲས་ཕྱག་འཚལ་མཆོད་དུ་གྲགས་པ་ལས། བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ་བར་དང་། ཕྱོགས་བཅུའི་འཇིག་རྟེན་ནས། བདེ་བ་ཆེན་པོས་མཉེས་གྱུར་ཅིག །བར་གྱི་ལུང་བརྒྱུད་གོང་ཞི་བ་གདོང་བཞི་དང་འདྲ། དེའི་ཁ་སྐོང་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྨད་བྱུང་བློ་གྲོས་ཆེན་པོ་ཅན། སོགས་ནས། གྲུབ་ཆེན་བུདྡྷ་ཤྲཱི་ལ་འདུད་བར་ལས། ཇི་ལྟར་