[A:༦༠༦ན]ལ་གནང་བའོ། །
ཡང་ན་ཐུབ་དབང་ལ་སོགས་ཀུན་བློའི་གསན་ཡིག་ལྟར་རོ། །ཕལ་པོ་ཆེའི་མདོ་ལས་བྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་དང་། བྱམས་སྨོན་གྱི་ལུང་བརྒྱུད་ནི། པཎ་ཆེན་ཤཱཀྱ་ཤྲཱི་ཡན་གོང་བཞིན་དང་། དེ་ནས་དཔྱལ་ཆོས་བཟང། དཔྱལ་པདྨ་ཅན། དཔྱལ་ཨ་མོ་གྷ། དཔྱལ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས། ས་བཟང་མ་ཏི་པཎ་ཆེན། ས་བསང་འཕགས་པ། རྒྱལ་བ་ཀུན་དགའ་བཟང་པོ། རྒྱལ་བ་ཀུན་དགའ་དབང་ཕྱུག། ཡོངས་འཛིན་དཀོན་མཆོག་འཕེལ་བ་མན་གོང་འདྲ།
བཟང་སྤྱོད་རྐྱང་པའི་བརྒྱུད་པ་རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ་སོགས་རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ལྟར་རོ། །བདག་གི་དུས་གསུམ་མ་གོང་འཇམ་དབྱངས་རིགས་ཐིག་དང་འདྲ། སོ་ཐར་མདོ་སོགས་ནས་བྱུང་བའི་ཆོས་རྣམས་ཐམས་ཅད་སོགས་གནས་གསར་བའི་གསན་ཡིག་ན་གསལ། ཏིང་འཛིན་རྒྱལ་པོ་ལས་བྱུང་བའི་ཇི་ལྟར་བུ་མོ་སོགས་དང་། སྒྱུ་མ་མཁན་བཟང་པོའི་རྟོགས་བརྗོད་ལས་བྱུང་